74911
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱོན་སེལ་རྒྱན་གྱི་ནང་གསེས་ལྔ་པ་སྟེ། བཤད་བྱའི་དོན་རྣམས་མདོར་བསྟན་གྱི་སྐབས་གོ་རིམ་ཇི་ལྟར་བཀོད་པ་བཞིན། རྒྱས་བཤད་ཀྱི་སྐབས་སུ་ཡང་དེ་དག་གི་དོན་རྣམས་གོ་རིམ་མ་འཁྲུགས་པར་ཐད་ཀར་སྦྱར་དགོས་ལ། གལ་ཏེ་དེ་ལྟར་མ་བྱས་པར་བསྟན་བྱའི་དོན་སྔ་ཕྱིའི་གོ་རིམ་ཉམས་ཤིང་གོང་འོག་འཁྲུགས་པར་བྱེད་པ་ལ་དོན་ཉམས་པའི་སྐྱོན་ཟེར། འདི་ལ་གོ་རིམ་ཉམས་པའི་སྐྱོན་ཡང་ཟེར། |
| Example | བོད་མཁས་པས། བདུད་འདུལ་ཐུབ་པའི་དབང་དེས་གདུལ་བྱ་ཡི། །མོས་པ་མཆོག་དམན་འབྲིང་བོའི་ལན་གསུམ་དུ། ། འཚམ་པའི་བསླབ་བྱ་སོ་སོར་ཐར་པ་དང་། །བྱང་སེམས་སྔགས་ཀྱི་འདུལ་བ་དེ་དེ་བསྟན། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |