74915

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་པ་དྲུག་པ་ (1)
Part of speech མིང་ཚིག
Definition ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་ཝ་རི་པས་མཛད་པའི་རིམ་པ་དྲུག་པ། པཎྜི་ཏ་པཱུཎྱ་མ་ཏི་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར། ཆོས་ཚན་འདི་འོག་ཏུ་པེ་ཅིང་སྣར་ཐང་གཉིས་ལ་རྒྱུད་གསར་བཅུག་གི་སྐབས་སུ་བཞུགས་པའི་ཆོས་ཚན་༢༨༣༨ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ཚི་པར་བཞུགས།
རིམ་པ་དྲུག་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པའི་རིམ་པ་དྲུག་པ། བསྟན་འགྱུར་རྒྱུད་ཟུ་པར་བཞུགས།
རིམ་པ་དྲུག་པ་ (3)
Part of speech མིང་ཚིག
Definition དངོས་གྲུབ་བརྙེས་པ་ཛ་བ་རིས་མཛད་པའི་རིམ་པ་དྲུག་པ། བལ་པོ་དཱེ་བ་པུརྞ་མ་ཏི་དང་། བོད་ཀྱི་ལོཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར། ཆོས་ཚན་འདི་པེ་ཅིང་སྣར་ཐང་གཉིས་ལ་ལྷག་མར་འཁོད་པ་སྟེ་གོང་དུ་པེ་ཅིང་། སྣར་ཐང་། སྡེ་དགེ་དང་ཅོ་ནེ་པར་མ་བཞི་ཀར་ཕྱག་ན་རྡོ་རྗེ་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་སྐོར་ལ་བཞུགས་པའི་ཆོས་ཚན་༡༠༦༥ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ཨུ་པར་བཞུགས།