74995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིལ་ཆའི་དྷྲུ་ཝ་ (1)
Part of speech མིང་ཚིག
Definition རིལ་བོ་དང་དེའི་ཆ་ཤས་ཡང་ཡིན་ཟླ་བའི་རྐང་རྩིས་བྱེད་པའི་སྒྲུབ་གཞི་ཡང་ཡིན་ཕྱིར་དེ་སྐད་གྲགས། ཟླ་བ་རེ་ལ་རིལ་ཆའི་དྷྲུ་ཝ་གཅིག་རེ་ཡོད། པད་དཀར་ཞལ་ལུང་ལས། སྐབས་འདིར་གྲུབ་མཐའི་རྩིས་བྱེད་ནའང་ཟླ་བའི་ཚོགས་གནས་གཉིས་སུ་བྱས་པའི་སྟེང་མ་གཉིས་དང་འོག་མ་གཅིག་གིས་བསྒྱུར་བ་ལ་རྣམ་པར་དག་པའི་རྩིས་འཕྲོ་བྱིན་ཏེ། རང་རང་འཁོར་ལོས་ཕུད་ན་ཆ་རིལ་གྱི་དྷྲུ་ཝ་ཀ་ཙམ་ནི་ཡང་དག་པར་འཆར་རོ། །ཞེས་དང་། རིགས་ལྡན་སྙིང་ཐིག་ལས། རིལ་ཆའི་དྷྲུ་ཝ་ཞེས་སུ་གྲགས། །ཞེས་བྱུང་།
Foreign ཟུར་ཆག
Domain རྩིས་རིག