75008
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིལ་བོའི་དྷྲུ་ཝའི་གྲངས་སུ་ཚེས་ཀྱི་གྲངས་ཀ་བསྲེ་བའི་དོན་ཡིན་ལ། དེ་ཡང་སྤྱིར་ཚེས་གྲངས་ལ་སུམ་ཅུ་ལས་མེད་ཀྱང་ཆད་ལྷག་གཉིས་ཀ་བརྩིས་ན་ཉེར་དགུ་དང་སུམ་ཅུ་གང་རུང་ཡིན་མོད། འོན་ཀྱང་སྐབས་འདིའི་བསྲེ་བྱའི་ཚེས་གྲངས་ནི་ཚེས་ལ་ཆད་ལྷག་འབྱུང་སྐབས་སུ་ཡང་ཆད་ལྷག་མེད་པའི་དབང་དུ་བྱས་ཏེ་ཚེས་གྲངས་བསྣན་དགོས་པ་ཡིན། པད་དཀར་ཞལ་ལུང་ལས། སླར་ཡང་རིལ་བོའི་གནས་སུ་ཚེས་གྲངས་སྦྱིན་པ་ནི་ཚེས་རེ་རེ་ལ་རྐང་པ་རིལ་པོ་རེ་རེ་ཆ་ཤས་ཀྱི་གྲངས་ཡོངས་སུ་རྫོགས་པར་སྤྱད་པའི་དབང་གིས་ཡིན་ཞིང་། ཞེས་གསུངས། |
| Domain | རྩིས་རིག |