7503
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་ལྷོ་འབྲུག་ཤར་ཕྱོགས་བཀྲ་ཤིས་སྒང་ཁུལ་མཚམས་འབྲོག་དགོན་དུ། རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ ༡༦༨༩ ལོར་འཁྲུངས། གཞོན་ནུ་ནས་གདན་སར་སྤྱན་དྲངས་ཏེ། ཁྲི་འདོན་གྱི་དགའ་སྟོན་མཛད། མཁན་དམ་ཆོས་པད་དཀར། ཡོངས་འཛིན་འབྲུག་སྒྲ་རྒྱ་མཚོ། ངག་དབང་བསམ་གཏན་སོགས་ལས་ཐེག་ཆེན་སོ་ཐར་གྱི་སྡོམ་པས་གཙོས་མདོ་སྔགས་གཞུང་ལུགས་སྤྱི་དང་། ཁྱད་པར་རང་ལུགས་ཀྱི་སྨིན་གྲོལ་གདམས་པའི་ཟིལ་དངར་ཐམས་ཅད་བཅུད་དུ་སྨིན། མཁྱེན་རབ་ཀྱི་འདབ་རྒྱ་གྲོལ་ཏེ་བསྟན་འཛིན་བུང་བ་ཡོངས་ཀྱི་དགེ་བའི་བཤེས་སུ་གྱུར། གྲུབ་པའི་བསྟི་གནས་གདན་ས་ལྕགས་རིར་བྱོན་པའི་མོད་ལ་སྔོན་གྱི་བག་ཆགས་སད་དེ་རྟོགས་པ་འཁྲུངས། ཁྲག་འཐུང་རྒྱལ་མོའི་ཞལ་གཟིགས་ལུང་བསྟན་ལྟར་ལྷ་དབང་སྒྲུབ་ཆེན་དང། གཙོ་མོའི་གར་འཆམ་སོགས་སྔར་མིང་ཡང་མ་གྲགས་པའི་ཁྱད་ཆོས་ངོ་མཚར་ཅན་གསར་དུ་མཛད། དེ་སྐབས་བསྟན་པའི་ཆག་སྒོ་ལྟ་བུ་སྨོན་ལོག་དུག་ཆུས་མྱོས་པའི་གླང་ཆེན་རྒྱ་བོས་ཕྱོགས་ལྷུང་སྣ་ཞགས་གཏད་དེ་ཁྲི་ལས་ཕབ། མཁོ་ཐང་དབེན་པའི་ནགས་སུ་རི་དྭགས་བཞིན་དུ་བྲོས་ཀྱང་རྗེས་སུ་བསྙེགས་ནས། དགུང་ལོ་ཉེར་ལྔ་པ་ཆུ་སྦྲུལ་ ༡༧༡༣ ལོར་གཟུགས་སྐུའི་བཀོད་པ་བསྟན་དགྲས་གློ་བུར་དུ་བཀུམས་སོ། ། |