7504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདུང་སྤྲུལ་གསུམ་པ་འཇིགས་མེད་ནོར་བུ་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ་ལྷོ་འབྲུག་ཀྲོང་སའི་ཆབ་འོག་བོན་སྦིས་སུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་ལས་མཆེད་པའི་གདུང་ལྷ་དར་གྱི་རིགས་སུ། རབ་བྱུང་བཅུ་གཉིས་པའི་མེ་བྱ་ ༡༧༡༧ ལོར་འཁྲུངས། མཁན་ཆེན་བཟོད་པ་ཕྲིན་ལས་ནས་སྡོམ་པའི་བསླབ་ཚིགས་མནོས། དགུང་ལོ་བཅུ་གསུམ་ལ་ཁྲི་འདོན་མཛད། རིགས་བདག་ཆོས་རྗེ་ངག་དབང་རྒྱལ་མཚན། སྒང་སྤྲུལ་བསྟན་འཛིན་ལེགས་དོན། ཡོངས་འཛིན་ངག་དབང་ཕྲིན་ལས་སོགས་ལས་མདོ་སྔགས་སྨིན་གྲོལ་ལམ་རིམ་གྱི་ཆོས་ཚུལ་གསན་པའི་འཕྲོར། དགུང་ལོ་བཅུ་དགུ་པ་ཤིང་ཡོས་ ༡༧༣༥ ལོར་ཉམས་གྲིབ་ཀྱིས་གཤེགས་སོ། །