75048
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཉིས་པའི་དཀྱིལ་དུ་གྲ་ཟུར་ཕུར་འཁྲུངས། གདུང་རུས་མཛོ་རོ་ཡིན། སྐུ་ཚེ་སྟོད་ལ་གྲའི་ལྡེའུ་སྒང་དུ་སྣ་རོ་ཆོས་ཀྱི་སློབ་མ་མཛད། ལྷ་ཕྱུག་མཁར་པ་ཉི་ཟླ་འོད་ལས་ཕྱག་རྒྱ་ཆེན་པོའི་སྒོམ་ཁྲིད་ཞུས། རྟོགས་པ་ཤིན་ཏུ་མཐོ་བར་གྱུར། མལ་གྲོ་རུ་ཐོག་དང་། སྒང་བུ་དགོན་པ་བཅས་བཏབ། སློབ་མ་མང་པོའི་ཚོགས་པ་བསྐྱངས། སློབ་མ་གྲགས་ཆེ་བ་ནི་རྟག་ཆེད་དུ་རྟོགས་ཚལ་པ་དང་། ཟ་ལུང་དུ་རྟོགས་ལྡན་མཛེས་པ། རྟ་སྒ་རུ་རྟོགས་ལྡན་དར་བསོད་བཅས་ཡིན། མཚན་གཞན། རྟོགས་ལྡན་ཞིག་པོ་སྟོན་བདེ། |