75056

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུ་དྲ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ལ་མངོན་པར་འཆེལ་བའི་དབང་གིས་རྣམ་སྨིན་གྱི་འབྲས་བུ་འཁོར་བའི་སྡུག་བསྔལ་མྱོང་ཞིང་རྒྱུ་མཐུན་པའི་འབྲས་བུས་དྲག་པོའི་སྐྱེ་བ་བླངས་ཏེ་སྲིད་གསུམ་ཕུང་བར་བྱེད་པོ་ལ་ཟེར་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཡང་སྔོན་གྱི་སྦས་པའི་གསང་བ་ལ་མངོན་པར་འཆེལ་བའི་དབང་དང་། མི་དགེ་བ་སྣ་ཚོགས་སྤྱད་པའི་དབང་གིས་སྔོན་གྱི་སྲིད་པའི་ས་བོན་གྱི་མཚམས་སྦྱར་ནས། ལྷ་མོ་ཨུ་མའི་ལྷུམས་སུ་དབང་ཕྱུག་ཆེན་པོའི་ས་བོན་ལས་ལས་ཀྱི་རུདྲ་ཆེན་པོར་གྱུར་ཏེ། ཟླ་བ་བཅུར་གནས་སོ། །དེ་ནས་ཨུ་མའི་བྷ་ག་ནས་ཐོན་པ་ལས། ཇི་ལྟ་བུའི་གཟུགས་དང་ངོ་བོར་གནས་པ་ནི་གཞུང་ཉིད་ལ་རྒྱས་པར་གསུངས་སོ། །ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། རུདྲ་སུ་སྙམ་ན། རྒྱུ་བདག་ཏུ་རྨོངས་པའི་རྟོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་གཟུང་འཛིན་གཉིས་ལ་མངོན་པར་ཞེན་པས་སྤྱི་མཚན་རང་མཚན་དུ་མཐོང་བས་ཡང་དག་པའི་ལམ་བསྐྱེད་རྫོགས་གཉིས་དང་བྲལ་བ་དག་གོ ། ཁྱད་པར་དུ་སྔོན་བསྐལ་བ་ཀུན་བཀོད་ཀྱི་དུས་སུ་བྱུང་བའི་དགེ་སློང་ཐར་པ་ནག་པོ་དེ་གོལ་གཞི་དེ་བཞིན་གཤེགས་པའི་གསུང་རབ་ཚིག་བཞི་པ་ལ་སྒྲ་ཇི་བཞིན་སྤྱད་པས། གབ་པའི་གསང་བ་རང་བཞིན་གསང་བའི་སྙིང་པོ་ཇི་བཞིན་པ་དེ་ཉིད་མ་རྟོགས་པར་ཡི་གེའི་རྒྱུད་དུ་བརྡའམ་སྒྲའི་ཚུལ་དུ་སྦས་པའི་གསང་བ་འཁོར་བའི་ཆོས་དངོས་པོ་བཞི་ལ་མངོན་པར་འཆེལ་ནས་དེ་དག་ལ་འཇོལ་ཉོག་ཏུ་སྤྱོད་ཅིང་། རྒྱུ་ལས་དགེ་སྡིག་དང་འབྲས་བུ་མཐོ་རིས་དང་ངན་སོང་གི་དོན་ལ་རྨོངས་པས་སོ། །གཉིས་པ་གོལ་བའི་འབྲས་བུ་ལ་གཉིས་ཏེ། རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་པའི་འབྲས་བུ་རུདྲར་སྨིན་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།