75058

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུ་དྲ་ནག་པོའི་སྤྱོད་ཡུལ་བསྟན་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་ཉི་ཤུ་རྩ་གཉིས་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་དྲུག་པ་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་ལས་སྲིད་གསུམ་དབང་དུ་བསྡུ་ལུགས་ཀྱིས་སྔགས་འབྱུང་བའི་རྒྱུར་འགྱུར་ཚུལ་བསྟན་པ་ལ་སྲིན་པོ་དབང་དུ་བསྡུས་པས་སྔགས་འབྱུང་བའི་རྒྱུར་བསྟན་པ་དང། ལྷའི་ཚོགས་དབང་དུ་བསྡུས་པས་སྔགས་འབྱུང་བའི་རྒྱུར་བསྟན་པ་དང། ལྷ་མི་གཡོ་འགུལ་ཐམས་ཅད་དབང་དུ་བསྡུས་པས་སྔགས་འབྱུང་བའི་རྒྱུར་བསྟན་པ་དང། ཉན་ཐོས་ཀྱི་མཆོག་དང་རྟ་མགྲིན་གྱིས་མ་ཐུལ་བ་དང༌། དགོས་དགོངས་ཀྱི་ཐར་པ་དཔོན་གཡོག་སྨིན་པའི་དུས་མཚུངས་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །