7507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདུང་སྤྲུལ་བཞི་པ་འབྲུག་སྒྲ་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཁོང་ནི། འཁྲུངས་ཡུལ་ལྷོ་འབྲུག་ཀུར་སྟོད་དུང་དཀར་ཆོས་རྗེའི་གདུང་རབས་སུ། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ ༡༧༣༦ ལོར་འཁྲུངས། མཁན་བསྟན་འཛིན་ནོར་བུ་ལས་སྲུང་སྡོམ་ནོད་དེ། ཁྲི་འདོན་མཛད། ཐུབ་དབང་བླ་མ་ཤཱཀྱ་རིན་ཆེན་དང་། ཡོངས་འཛིན་བསྟན་འཛིན་ཆོས་རྒྱལ་སོགས་ནས་སྨིན་གྲོལ་གདམས་པའི་གསང་མཛོད་ཚང་སྤྲུགས་སུ་བཞེས། ལྕགས་རིའི་གདན་སར་སྙིང་པོའི་སྒྲུབ་པ་ལ་གཞོལ་ནས་ལོ་ལྔར་བཞུགས་པས། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར། སླར་བཅད་རྒྱ་བཀྲོལ་ཏེ་བསྟན་པའི་གཉེར་ཁ་བདག་གིར་བཞེས་ནས་ཕྲིན་ལས་ཀྱི་མཛད་སྒོ་བརྒྱ་ཕྲག་དུས་གཅིག་ལ་དབྱེ་བའི་མུར། དགུང་ལོ་ཉེར་དྲུག་པ་ཆུ་རྟ་ ༡༧༦༢ ལོོར་ངེས་མེད་གློ་བུར་དུ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། །