7508
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། འཁྲུངས་ཡུལ་མང་འདུས་བོན་སྦིའི་གདུང་རབས་སུ། རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ ༡༧༦༣ ལོར་འཁྲུངས། མཁན་ཡོན་ཏན་མཐའ་ཡས་དང་། ཡོངས་འཛིན་ཤེས་རབ་སེང་གེ་ལས་བསླབ་ཚིགས་རིམ་པ་གཉིས་སུ་བཞེས། མདོ་སྔགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་གསན་སྒོམ་སྤེལ་མར་མཛད་དེ། ལུང་རྟོགས་ཡར་ཟླའི་ཆ་ཤས་རྫོགས་ནས་ཕྲིན་ལས་འོད་དཀར་འཛུམ་བཞིན་པའི་སྐབས། དགུང་ལོ་སོ་གསུམ་པ་ཤིང་ཡོས ༡༧༩༥ ལོར་གཟུགས་སྐུ་ཞི་བར་གཤེགས་སོ། ། |