75091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུ་ཡོང་བཟའ་ (1)
Part of speech མིང་ཚིག
Definition བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་ཡ་གྱལ་ཏེ། མི་ཉག་རྒྱལ་པོའི་སྲས་མོ་ཡིན་ལ། རུ་ཡོང་བཟའ་རྒྱལ་མོ་བཙུན་ཡང་ཞུ། བཙུན་མོ་འདི་ཉིད་ཀྱིས་བྲག་ལྷ་མགོན་པོའི་ལྷ་ཁང་བཞེངས་པ་དེ་དེང་སང་ལྕགས་པོ་རིའི་གཤམ་འོག་གི་བྲག་ལྷ་ཀླུ་སྒུག་གི་ལྷ་ཁང་འདི་ཡིན་ལ། གཞན་ཡང་། བཙུན་མོ་འདི་ཉིད་ཀྱིས་མིག་མང་ཚལ་གྱི་ལྷ་ཁང་བཞེངས་ཞེས་པའང་སྣང་།