75100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུ་ལས་སྐྱེས་ (1)
Part of speech མིང་ཚིག
Definition ངར་སོས་པོའམ་ཁུ་བོ་ལྷ་བུ་སྨོན་གཟུང་ཡང་ཞུ། འཕྲུལ་བློན་མཛངས་མི་བདུན་གྱི་ཐོག་མ་དང་། བོད་ཀྱི་རྒྱལ་པོ་པུ་དེ་གུང་རྒྱལ་གྱི་བློན་པོ་ཡིན། ཧ་ལམ་ཕྱི་ལོའི་དུས་རབས་དང་པོ་ཙམ་ལ་བྱུང་བར་གསུངས། རྒྱལ་པོ་པུ་དེ་གུང་རྒྱལ་དང་ཡུམ་གཅིག་པ་ཡིན། བློན་པོ་འདི་ཉིད་ཀྱིས་མཛངས་པའི་ལས་སུ། ཤིང་བསྲེགས་ཏེ་སོལ་བ་བཟོས་པ་དང་། དེས་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན། ཀོ་བ་བཞུས་ནས་སྤྱིན་བཟོས། ཤིང་གི་གཤོལ་དང་གཉའ་ཤིང་བཟོས་ཏེ་རྨོན་པ་དོར་བསྡེབས་ཀྱིས་སྤང་ཐང་ལ་ས་ཞིང་རྨོས་པ་དང་། ཆུ་ཡུར་བཟོ་བ་དང་། ཆུ་ལ་ཟམ་པ་བཙུགས་པ་སོགས་མཛད།