From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རུག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱིར་བཀྲམ་པ་འམ་འཐོར་བ་བསྡུས་པའི་དོན།
|
རུག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རི་སྐྱེས་སྔོ་ཚོད་ཀྱི་རིགས་ཤིག བོད་ཀྱི་ས་མཐོའི་ཕྱོགས་སུ་དབྱར་ཐོག་མའི་སྐབས་སུ་སྐྱེ་བའི་སྔོ་རིགས་ཤིག རྩ་བ་སྒོག་པའི་རྩ་བ་ལྟར་ཕྱི་ནང་མང་དུ་དྲིལ་ནས་སྐྱེས་ཤིང་། ལོ་མ་ཕྲ་ལ་དབྱིབས་ཀྱི་ལྕེ་དང་མཚུངས་པ་དེ་ལས་ཅུང་ཕྲ་བ། ཅུང་ཟད་རྒས་པ་དང་དེའི་ནང་དུ་མེ་ཏོག་རྐང་གཅིག་ཅན་དྲང་ཐད་དུ་སྐྱེས་ཤིང་མེ་ཏོག་ཁ་མ་བྱེ་བའི་སྐབས་སུ་རུག་རྡིག་ཟེར། ཁ་བྱེ་བ་ནས་རུག་པ་རྒས་ཟིན་པས་ཧ་ལམ་བཟའ་ཆོག་པའི་ནུས་པ་ཟད་ཟིན། སྤྱི་བཏང་བཏུ་བའི་དུས་ནི་དབྱར་ཉི་མ་ལྡོག་གི་གོང་གི་བདུན་ཕྲག་གཅིག་ཙམ་ནས་བཏུ་ཆོག་ལ། དེ་ནས་ཟླ་གཅིག་ཙམ་ཏེ་དབྱར་ཉི་ལྡོག་རྗེས་ཀྱི་བདུན་ཕྲག་གསུམ་ཙམ་གྱི་བར་དུ་བཏུ་ནས་བཟའ་ཆོག་པ་ཞིག རོ་ཚ་ལ་དྲོ་བ་ཆེ་བ། རུག་པའི་ཐུག་པའི་ནང་དུ་ཤ་ཚིལ་སོགས་སྤོད་སྡོར་དང་བཅས་གཡོས་སྦྱོར་བྱ་དགོས། ཡང་ན་རུག་པ་ཚོས་ཟིན་པ་དང་ཆུ་རྣམས་ཕྱིར་འཕོས་རྗེས། མར་གསར་པ་ཅུང་ཟད་ཙམ་བཅུག་ཏེ་བརྔོས་ན་ཧ་ཅང་བཟས་ཆས་ཞིམ་པོ་ཞིག་ཡིན།
|