7512
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་བུ་གང་དག་གཤེགས་ཤུལ་དུ་དེའི་མཛད་སྲོལ་སྐྱོང་བའི་སྐྱེས་བུ་གང་ཞིག་རྒྱལ་ཚབ་བམ་གདུང་སོབ་ཏུ་བསྐོས་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་ལས། འགྲོ་བའི་དོན་ལ་ཕན་འདོགས་ཤིང་། རིག་འཛིན་བཀའ་རྒྱུད་ཆེར་འཛིན་ལ། རྒྱལ་ཐེབས་གདུང་སོབ་དབང་རྣམས་བསྐུར། ཞེས་པས། བསྟན་འགྲོའི་དོན་མཛད་པའི་རྒྱལ་བ་སྲས་བཅས་གོང་མ་བཞིན་འགྲོ་དོན་ནུས་ཤིང་བདེར་གཤེགས་རིག་འཛིན་གོང་མའི་བཀའ་རྒྱུད་སྡེ་སྣོད་གང་དག་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་མཛད་སྲོལ་སྐྱོང་བར་ནུས་པའི་སྐྱེས་བུ་ཞིག་དགོས་སོ། ། |
| Domain | ཆོས་ལུགས། |