75123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུང་ཁང་གི་བྱེད་ལས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རུང་ཁང་གི་བྱེད་ལས་ནི་གཙུག་ལག་དུ་མའི་དགེ་འདུན་གྱི་བྱ་བ་བྱེད་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་རུང་ཁང་གི་བྱེད་ལས་ཡོད་དེ། མདོར། གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་དོ་ཞེས་འབྱུང་བ་ལྟར་རུང་ཁང་གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པའི་ཕྱིར། དཔེར་ན་བདག་པོ་ཐ་དད་པ་དུ་མའི་བ་ལང་ཐུན་མོང་གི་གནས་གཅིག་ཏུ་ཉལ་བ་ལྟར། གཙུག་ལག་ཁང་དུ་མའི་ཐུན་མོང་གི་གཡོས་རུང་ཁང་གཅིག་ཏུ་བྱེད་པ་ཡིན་ནོ། །འདི་ལ་ནི་བ་ལང་གི་གནས་ལྟ་བུའི་རུང་ཁང་ཞེས་བཤད་དོ། །ཞེས་གསུངས།
Domain ཆོས་ལུགས།