75125
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རུང་བ་ཉིད་དུ་བྱིན་གྱིས་བརླབ་པར་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ལ་གཉིས་ལས་དང་པོ་རུང་ཁང་གི་དགོས་པའི་དོན་ནི་མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་ཁེགས་པ་དང་། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། གཞི་གང་ལ་རུང་ཁང་བཅད་པ་དང་། རྟེན་གང་གིས་རུང་ཁང་བཅད་པ་དང་། དུས་གང་གི་ཚེ་རུང་ཁང་བཅད་པ་དང་། ཆོ་ག་གང་གིས་རུང་ཁང་བཅད་པ་དང་། རོང་ཁང་གི་བྱེད་ལས་དང་། རུང་ཁང་གི་སྒྲ་བཤད་། རུང་ཁང་བཅད་པ་འཇིག་པའི་རྒྱུའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |