75128
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཧུ་ལུ་ཧུ་ལུ་ནི། ཆོས་མིན་གྱི་ལས་བྱས་ཤིང་མཇུག་ཏུ་ཐལ་མ་བརྡབས་ཏེ་ཧུ་ལུ་ཧུ་ལུ་ཞེས་བརྗོད་པས་དག་གོ་ཞེས་པ། ཡི་རངས་ནི། ཆོས་མིན་གྱི་ལས་བྱས་པས་མཇུག་ཏུ་དགེ་འདུན་ལྷག་མ་རྣམས་རྗེས་སུ་ཡི་རངས་བྱེད་བཅུག་པས་དག་གོ་ཞེས་པ། ཀུན་སྤྱོད་ནི། ས་གཞི་འདི་ཀུན་གྱིས་སྤྱོད་རུང་བས་ཉེས་པ་མེད་པ་ཡིན་ཞེས་ཁྱིམ་པ་བཞིན་དུ་བ་བརྐོ་བ། སྣོད་ནི། ན་བར་འགྱུར་ན་ཆང་སྣོད་སྲིན་བུ་པད་པས་འཇིབ་པ་ལྟར་གཞིབ་ནས་ཆང་བཏུང་བ་རུང་བ། ལན་ཚྭ་ནི། ལན་ཚྭ་འདེབས་ན་ཟས་ཀྱི་རོ་འགྱུར་བས་དུས་མིན་གྱི་ཁ་ཟས་རུང་བ། ལམ་ནི། ཟས་སྤངས་ཟིན་ནས་རྒྱང་གྲགས་ཕྱེད་ཙམ་ལམ་དུ་བརྒལ་ནས་སླར་ཡང་ཟས་རུང་བ། སོར་གཉིས་ནི། ཟས་སྤངས་ནས་ལྷག་པོ་བྱ་མི་དགོས་པར་སླར་སོར་མོ་གཉིས་ཀྱིས་རེག་ནས་ཟར་རུང་བ། དཀྲུག་པ་ནི། འོ་མ་ཞོ་གཉིས་བྲེ་གང་རེ་བསྲེས་ཏེ་དཀྲུགས་ནས་ཕྱི་དྲོ་འཐུང་རུང་བ། འདིང་བ་ནི། འདིང་བ་ནི་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་ལྷན་མི་དགོས་ཞེས་པ། གསེར་གྱི་རུང་བ་ནི། དགེ་ཚུལ་གྱི་མགོ་ལ་ཁྲིའུ་བཅིང་། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ལྷུང་བཟེད་བཞག་སྟེ། གསེར་དངུལ་སོགས་འབུལ་བ་དེར་འཕེན་བཅོལ་ནས་ཕྱིས་དགེ་སློང་རང་ཉིད་ཀྱིས་རེག་ཆོག་པར་འདོད་པ་བཅས་རུང་བ་མ་ཡིན་པའི་གཞི་བཅུ་སྤྱད་པས་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་ནོ་ཞེས་བསྒྲགས་པའོ། ། |
| Domain | ཆོས་ལུགས། |