75138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུང་བའི་ལམ་ཤེས་ཀྱི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གདུལ་བྱ་ལ་ལམ་ཤེས་སྒོམ་པའི་འགལ་རྐྱེན་ང་རྒྱལ་མངོན་གྱུར་བ་བཅོམ་ནས་གདུལ་བྱ་སྣོད་རུང་དུ་བྱེད་པའི་ཐབས་ཞིག་ལ་རུང་བའི་ལམ་ཤེས་ཀྱི་ཡན་ལག་ཅེས་འཇོག མདོ་ལས་བསྟན་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མདོ་ནི། དེ་ཡང་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན་ལྷ་དེ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ནི་ལྷམ་མེ་མ་ཡིན་ལྷན་ནེ་མ་ཡིན་ལྷང་ངེ་མ་ཡིན་གྱི་དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང་གཙོ་བོ་དང་མཆོག་དང་རབ་མཆོག་དང་ཕུལ་དུ་བྱུང་བ་དང་བླ་ན་མེད་པ་དང་གོང་ན་མེད་པ་དང་གོང་མའི་ཡང་གོང་མ་ཞེས་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།