75140
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཀུ་ཤའི་གྲོང་གྱད་ཀྱི་ཡུལ་ཤིང་སཱ་ལཱ་ཟུང་གཅིག་གི་ཚལ་དུ་སྟོན་པ་མྱ་ངན་ལས་འདའ་བའི་ཚེ་འདུལ་བ་མདོར་བསྡུས་ཞུས་པས། དང་པོ་འདིར་སྟོན་པས་གང་ཅུང་ཟད་གནང་བའི་གསལ་ཁ་མེད་པ་དང་། བཀག་པའི་གསལ་ཁ་དོད་པ་མེད་པ་རྣམས་ནི་གང་ཞིག་སྤྱད་དུ་རུང་བར་གསུངས་པ་དང་མཐུན་པ་ན་དེ་ནི་ཐེ་ཚོམ་མེད་པར་སྤྱད་པར་བྱའོ། །སྤྱད་དུ་མི་རུང་བར་གསུངས་པ་དང་ཉེ་བར་ལྟ་ན་སྡོམ་བརྩོན་རྣམས་ཀྱིས་དེ་མི་སྤྱད་དོ། །རུང་མཐུན་དུ་གསུངས་པ་འདི་ནི་ཆོས་འདུལ་བའི་བསྟན་བཅོས་ཀྱི་དོན་མདོར་བསྡུས་པ་བླང་དུ་གསལ་བའི་སྒྲོན་མེ་ལྟ་བུར་གདུལ་བྱ་རྣམས་ལ་གཞག་གོ ། ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། ། |
| Domain | ཆོས་ལུགས། |