75141
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་ཚེ། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྤྱད་དུ་རུང་བར་འདོད་པའི་ལས་བཅུ་དེ་ཕྱིས་བསྡུ་བ་གཉིས་པའི་སྐབས་སུ་རུང་བ་མ་ཡིན་པར་བཅས་པ་མཛད་པའི་གཞི་བཅུ་ཆོས་མིན་གྱི་ལས་བྱས་ན་མཇུག་ཏུ་ཧུ་ལུ་ཧུ་ལུ་ཞེས་བརྗོད་པ་དང༌། དགེ་འདུན་ལྷག་མ་རྣམས་རྗེས་སུ་ཡི་རང་བྱས་པས་དག་པར་འདོད་པ། ནད་པས་སྲིན་བུ་པདྨའི་འཇིབ་ལུགས་ལྟ་བུས་གཞིབ་ནས་ཆང་བཏུང་རུང་བར་འདོད་པ། ས་གཞི་འདི་ཀུན་གྱིས་སྤྱོད་རུང་བས་སྲོག་ཆགས་ལ་གནོད་པ་མེད་པར་ལག་པས་ས་བརྐོ་རུང་བར་འདོད་པ། ལན་ཚྭ་བཏབ་ན་ཟས་ཀྱི་རོ་འགྱུར་བས་དུས་མིན་གྱི་ཁ་ཟས་ཟ་རུང་བར་འདོད་པ། ཟས་སྤངས་ཟིན་ནས་ལམ་རྒྱང་གྲགས་ཕྱེད་ཙམ་བརྒལ་ནས་སླར་ཡང་ཟ་རུང་བ་དང༌། ཟས་སྤངས་ནས་ལྷག་པོར་བྱེད་མི་དགོས་པར་སླར་སོར་མོ་གཉིས་ཀྱིས་རེག་ནས་ཟ་རུང་བར་འདོད་པ། དུས་རུང་དང་དུས་མ་ཡིན་པར་རུང་བ་གཉིས་བསྲེས་ཏེ་དཀྲུགས་ན་ཕྱི་དྲོར་བཏུང་རུང་བར་འདོད་པ། གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་ལྷན་མི་དགོས་པར་འདོད་པ། དགེ་ཚུལ་གྱི་མགོ་སྟེང་དུ་ཁྲིའུ་སྟན་དང་བཅས་པའི་སྟེང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ལྷུང་བཟེད་བཞག་གསེར་དངུལ་སོགས་འབུལ་བ་དེར་བླུགས་པ་ཕྱིས་དགེ་སློང་རང་ཉིད་ཀྱིས་རེག་ཆོག་པར་འདོད་པ་རྣམས་སོ། ། |
| Domain | ཆོས་ལུགས། |