75162

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུའུ་སྨལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་སྨད་དུ་ཡ་རྩེར་ཡབ་མངའ་བདག་ཨ་ནན་སྨལ་གྱི་སྲས་སུ་འཁྲུངས། ནར་སོན་རྗེས་ཡ་རྩེའི་མངའ་བདག་མཛད་དེ་སྲིད་བསྐྱངས། ཡབ་མངའ་བདག་ཨ་ནན་སྨལ་གྱིས་སོག་པོའི་ལག་ནས་སྔར་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྒྱུན་དུ་གཏོགས་པའི་གྲོང་སྡེ་ཉོས་ཏེ་ཕུལ་བ་རྣམས་མུ་མཐུད་དུ་གཞན་ཤོར་མི་འབྱུང་རྗེས་གནོན་དང་། དེ་དག་དང་འབྲེལ་བའི་ཉེ་འདབས་ཀྱི་གྲོང་ཁྱེར་འགའ་ཞིག་ལ་དབང་བསྒྱུར་བྱས་པར་མངོན། སྦྱིན་བདག་མཛད་དེ་མངའ་རིས་སུ་དངུལ་དཀར་ཞེ་གཅིག་ལས་གྲུབ་པའི་སྨན་བླ་མཆེད་བརྒྱད་ཀྱི་སྣང་བསྙན་བཞེངས། རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་ཚལ་ཁྲི་དཔོན་སྨོན་ལམ་རྡོ་རྗེར་མངགས་བཅོལ་གྱིས་སྟོན་པ་རིན་ཆེན་རྡོ་རྗེ་དང་། མཛོད་པ་ཨ་ཛུ་སོགས་ཆེད་དུ་དབུས་ལྷ་ལྡན་དུ་མངགས། གསེར་ཟངས་ལས་གྲུབ་པ་ར་ས་འཕྲུལ་སྣང་གི་ཇོ་བོ་དབུ་ཐོག་ཏུ་གསེར་ཐོག་ཕུབ། བཅུ་གཅིག་ཞལ་གྱིི་དབུ་ཐོག་ཏུ་གསེར་ཐོག་ཆུང་ངུ་ཞིག་ཕུབ། ལྷ་ས་གཙུག་ལག་ཁང་འདིར་གསེར་ཟངས་ཀྱི་རྒྱ་ཕིབས་བསྐྲུན་པའི་ཐོག་མ་ཡིན། ཡ་རྩེའི་རྒྱལ་རྒྱུད་ཀྱི་གདུང་རབས་བདུན་པ་ཡིན།