75179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུས་གཅོད་ལྔ་ (1)
Part of speech མིང་ཚིག
Definition ལོ་འགྲོས་བཅུ་གཉིས་ལས་བྱི་རྟ་གཉིས་ལ་འབྱུང་བ་ལྔའི་དབང་ཐང་སྦྱར་བ་ཤིང་གི་བྱི་རྟ་དང་། མེ་ཡི་བྱི་རྟ། ས་ཡི་བྱི་རྟ། ལྕགས་ཀྱི་བྱི་རྟ། ཆུ་ཡི་བྱི་རྟ་བཅས་ལྔ་ལ་ཟེར་བ་ཡིན། གལ་སྲིད་བརྩི་བྱ་ཕོའི་ལོག་མེན་ལོ་བྱི་བ་དང་མོའི་ལོག་མེན་ལོ་རྟ་ལ་བབས་ན་རུས་གཅོད་ཀྱི་སྒོ་ཕྱེ་ཞེས་ཟེར་ཞིང་། དུས་དེར་འཐབ་རྩོད་དང་། ཆོམ་རྐུན། ཁ་མཆུ་བཅས་འོང་བས་ཤགས་དང་རྒྱན་པོ་བྱེད་པ་སྤང་དགོས་ལ། གླེང་གཞི་འོང་ཞིང་ཕ་ཚན་ནང་མི་འཆམས་པས་རྡོ་རྗེ་སྡེར་མོ་དང་། ཁ་མཆུ་ནག་པོའི་གཟུངས། གཙུག་ཏོར་ཕྱིར་བཟློག་གི་གཟུངས། དྲུག་ཅུ་པ། མི་ཁའི་མདོས། དགྲ་གནོན་བཅས་ཀྱི་རིམ་གྲོ་བསྒྲུབ་དགོས། ཁྱད་པར་དུ་ཤིང་གི་བྱི་རྟ་ལ་བབས་ན་ཕ་མིང་དང་། མེ་ཡི་བྱི་རྟ་ལ་བབས་ན་མ་སྨད། ས་ཡི་བྱི་རྟ་ལ་བབས་ན་མ་སྲུ། ལྕགས་ཀྱི་བྱི་རྟ་ལ་བབས་ན་ཟས་ནོར། ཆུ་ཡི་བྱི་རྟ་ལ་བབས་ན་བྱ་བྱེད་བཅས་ལ་ངན་པས་དེ་དག་གི་སར་རུས་གཅོད་ཀྱི་སྒོ་ཕྱེ་ཞེས་ཟེར་བ་ཡིན། བརྩི་བྱའི་ལོ་ཁམས་ཅི་ཡིན་དང་གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་སྐྱེས་པ་དག་རང་ལོ་བཅུ་གཅིག་དང་། ཉེར་གསུམ། སོ་ལྔ། ཞེ་བདུན། ང་དགུ། དོན་གཅིག གྱ་གསུམ་སོགས་ལ་སོན་དུས་དེར་རུས་གཅོད་ཀྱི་སྒོ་ཕྱེ་ཞིང་། བུད་མེད་དག་རང་ལོ་གསུམ་དང་། བཅོ་ལྔ། ཉེར་བདུན། སོ་དགུ། ང་གཅིག རེ་གསུམ། དོན་ལྔ། གྱ་བདུན་སོགས་ལ་སོན་དུས་དེར་རུས་གཅོད་ཀྱི་སྒོ་ཕྱེ་བ་ཡིན།
Domain རྩིས་རིག