75216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུས་མིག་རྩུབ་པ་ (1)
Part of speech མིང་ཚིག
Definition བརྩི་བྱ་དག་གི་བབས་སྤར་སོ་སོའི་རང་ལོའི་སྟེང་དུ་ཕྱིན་པའི་རྩུབ་པ་ལ་ཟེར་ཞིང་། རྩུབ་དུས་དེ་ནི་བརྩི་བྱའི་རང་ལོ་རྟའམ་སྦྲུལ་ཡིན་ན་བབས་སྤར་ལི་དང་། སྤྲེལ་ལམ་བྱ་ཡིན་ན་བབས་སྤར་དྭ། ཕག་གམ་བྱི་བ་ཡིན་ན་བབས་སྤར་ཁམ། སྟག་གམ་ཡོས་ཡིན་ན་བབས་སྤར་ཟིན། འབྲུག་ཡིན་ན་བབས་སྤར་ཟོན། ལུག་ཡིན་ན་བབས་སྤར་ཁོན། ཁྱི་ཡིན་ན་བབས་སྤར་ཁེན། གླང་ཡིན་ན་བབས་སྤར་གིན་བཅས་ལ་འབབ་དུས་ཡིན། རྩུབ་དུས་དེ་དག་ཏུ་ཉེ་བ་དགྲར་ལྡང་བ་དང་། རྟས་འཕྲས་རྡེག་པ། རྭ་ཅན་གྱི་བརྡུང་བ། རང་ཁྱིས་རང་ལ་རྨུག་པ། མགྲོན་དཀྱིལ་ནས་ཆོམ་པོས་བཅོམ་པ་བཅས་འབྱུང་ཞིང་། ཁྱད་པར་དུ་སྤར་ཁའི་ནད་ངོ་ཡོད་པས། རིམ་གྲོར་སྤར་མཆོད་དང་སྤར་ཁའི་གཏོ་འཕེན་དགོས།
Domain རྩིས་རིག