7524
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རང་བཞིན་ཤུགས་ཀྱིས་འདུལ་བ། གཉེན་པོ་ཐབས་ཀྱིས་འདུལ་བ། ལས་རྒྱུད་གཅོད་པས་འདུལ་བ་སྟེ། གསང་སྔགས་ཀྱི་བྱུང་ཚུལ་བཅུ་པ། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་ཞེས་པའི་སྐབས་ཀྱི་གདུལ་བྱ་གསུམ་པོར་འདུལ་བྱེད་ཀྱི་ཐེག་པ་གསུམ་གྱིས་འདུལ་བའི་ཐབས་གསུམ་དུ་གསུངས་པ་དེ་ཡིན། མདོ་འགྲེལ་མུན་པའི་གོ་ཆ་ལས། བསམ་གྱིས་མི་ཁྱབ་དོན་བྱེད་པའི་ཚུལ་ཇི་སྙེད་པ་བསྡུ་ན་གསུམ་སྟེ། ཉིད་དུ་སྣང་བ་གང་ཡིན་པ་ནི་ཐེག་པ་དང་པོར་རང་བཞིན་ནམ་འཚོ་བའི་ཤུགས་ཀྱིས་འདུལ་བ་དང༌། ཉོན་མོངས་འདུལ་བའི་བར་མས་གཉེན་པོ་ཐབས་ཀྱིས་འདུལ་བ་དང༌། ལོག་པར་ཞེན་པ་ཐ་མས་ལས་རྒྱུད་གཅོད་པས་འདུལ་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |