7525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདུལ་དཀའ་དྲག་པོའི་གདུལ་བྱ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ལས་རྒྱུད་གཅོད་པའི་གདུལ་བྱ་གསུམ་གྱི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཞེ་སྡང་མེ་ལྟར་འབར་ཞིང༌། གཏི་མུག་མུན་ལྟར་འཐིབས་ལ། འདོད་ཆགས་ཚལ་དང་གར་སྤྱིན་ལྟར་དམ་པས་གོང་མ་གཉིས་ཀྱིས་གདུལ་དཀའ་བས་རྣམ་སྨིན་དྲག་པོའི་ཐབས་ཀྱིས་གདུལ་བར་བྱ་བ་དང་། ཞེས་གསུངས། དེ་ནི་ཆོ་འཕྲུལ་མངོན་བྱུང་གི་ཐེག་པས་ལས་རྒྱུད་གཅོད་པའི་འདུལ་ཐབས་ཀྱིས་འདུལ་བར་བྱེད་པ་ཡིན།
Domain ཆོས་ལུགས།