75253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རེ་ཁེ་དཀྱིལ་སྟོད་དགོན་ (1)
Part of speech མིང་ཚིག
Definition ཐོག་མར་འགྲོ་མགོན་ཆོས་འཕགས་ཁམས་བརྒྱུད་ནས་རྒྱ་ནག་ལ་བྱོན་སྐབས་ས་གནས་འདི་ནས་ཕེབས་པ་ཡིན། གནས་འདིར་ཡི་གེ་ཀཿརང་བྱོན་གྱི་ཚུལ་དུ་གཟིགས་ནས་དཀྱིལ་སྟོད་ཀཿཆེན་ཞེས་གསོལ་ནས་དགོན་པ་བཏབ། དེ་ནས་བླ་མ་ཆོས་བཀྲ་ཤིས་དང་། ཆོས་ཀྱི་འབྱུང་གནས་སོགས་བླ་རབས་བཅུ་གསུམ་གྱི་རིང་ལ་དཔལ་ལྡན་ས་སྐྱའི་ཆོས་རྒྱུད་དུ་གནས། ཆག་འཇིག་སྣ་ཚོགས་བྱུང་བར་བརྟེན། དཀྱིལ་སྟོད་དགོན་གྱི་ལྷ་སྡེ་བཞིའི་མི་དྲག་རྣམས་ཀྱིས་གྲོས་བསྡུར་གནང་ས་སྐྱ་དགོན་ནི་ས་ཁད་རིང་བས་གྲྭ་རྒྱུན་འགྲོ་རྒྱུ་སོགས་དཀའ་ངལ་ཆེ་བས། ཀཿཐོག་རྡོ་རྗེ་གདན་ཐག་ཉེ་བས་དེས་བདག་སྐྱོང་གནང་རོགས་ཞུ་རྒྱུར་ཐག་བཅད་དེ་མི་དྲག་རྣམས་དེར་བསྐྱོད་ནས་རྨོག་རྩ་སྤྲུལ་སྐུ་ནམ་མཁའ་ཆོས་དབང་ལ་ཞུ་རྟེན་ཞུ་ཤོག་དང་བཅས་ཕུལ་བར། དེ་ཉིད་དགྱེས་པ་ཆེན་པོས་ཞལ་བཞེས་མཛད་དེ། རྒྱལ་རོང་བླ་མ་ཕུན་ཚོགས་བླ་བསྐོས་ཐོག་མར་མངགས་ཤིང་། རྗེས་སུ་ལོ་གསུམ་རེར་བླ་བསྐོས་རེ་བརྗེ་རྒྱུར་གཏན་འབེབས་ཀྱི་བཀའ་ཤོག་གནང་ནས་དུས་འགྱུར་མ་བྱུང་བར་དེ་ལྟར་གནས། ཕྱི་ལོ་ ༡༩༨༤ ལོར་ཆོས་སྒོ་ཕྱེས་ནས་ཡུལ་སྡེས་དགོན་བསྐྱར་བཞེངས་བྱས། ད་ལྟའང་ཀཿཐོག་ནས་འཛིན་སྐྱོང་མཛད་ཅིང་། གྲྭ་བ་སུམ་ཅུ་ལྷག་ཡོད།