75297
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། རས་ནག་སོགས་དབྱིབས་གྲུ་བཞི་ཆུང་ངུ་རིགས་ལ་བྱ་སྟེ། རྣམ་རྒྱལ་གཡང་སྐྱབས་ལས། དེ་ནས་རེ་ཚལ་གཅིག་གི་སྟེང་དུ། ས་ཡི་བང་མིག་རེའི་སྟེང་དུ་བྱུར་དང་བསེ་རག་གི་གཟུགས་རེ་བཞགས། ཞེས་སོ། །དེའི་དོན་ནི། གཡང་སྐྱབས་ཀྱི་ཆོ་ག་སྤེལ་སྐབས་སྔོན་དུ་ཤིང་དང་ཤོག་གུ་སོགས་གང་ཡང་རུང་སྟེ། དབྱིབས་གྲུ་བཞི་ཆུང་ངུ་ལ་ས་བླུག་ནས་རེའུ་མིག་བཟོ་ཞིང་དེ་ལ་ས་ཡི་བང་མིག་བྱའོ། །རེ་མིག་གཉིས་བྱ་སྟེ་རེ་རེ་ལ་བྱུར་དང་བསེ་རག་གི་གཟུགས་སྐྱ་ག་དང་། རི་བོང་གི་གཟུགས་རེ་བཅའ་ཡོད། གཡང་བོན་གྱིས་ཆོ་ག་སྤེལ་ནས་མི་ཁ་ཡོང་ཕྱོགས་སུ་བཀར་ཡོད། རེའུ་མིག་ཚལ་བུའི་མིང་མཐའ་བསྡུས་པ་སྙམ། |
| Domain | ཆོས་ལུགས། |