75314

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རེ་ལྕག་པ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཐལ་མདོག་ནང་སྐྱ་ལ་སོབ་པ་ཆིག་རྐྱང་གི་སྨད་ཆ་ནས་རྩ་ཕྲན་ཁ་ཤས་གྱེས་ཤིང་རྟིང་པ་རིང་ཙམ་ཡོད་པ་དང༌། སྡོང་པོ་ཕྲ་ཞིང་ཡལ་ག་མེད་པ་མང་པོ་མཉམ་དུ་འདྲོང་པོར་སྐྱེ་བ། ལོ་མ་ལྗང་སྐྱ་མཐུག་ཅིང་འཇམ་པ་སྒོང་དབྱིབས་འདྲ་བའི་མཐའ་མཉམ་ཞིང་ངར་པ་ཐུང་ངུ་རེ་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་ལ་དམར་དམངས་ལྡན་ཅན་ཆུང་བ་མང་པོ་གདུགས་འཁྱིལ་མེ་ཏོག་བང་རིམ་དུ་སྡོང་པོའི་རྩེར་འཆར་བ། འདིའི་རྩ་བས་དེ་སྔ་བོད་ཤོག་བཟོ་བྱེད་ཀྱི་རྒྱུ་བྱེད་པ་ཡིན་པས་ངོས་ཟིན་སླ་བ་སྟེ། བོད་ཀྱི་ས་བབ་མཐོ་ཙམ་ཡིན་པའི་ས་ཁུལ་གྱི་རི་མ་ཐང་དང༌། ས་ནག གྲམ་ཁྲོད། ཞིང་འགྲམ་སོགས་སུ་སྐྱེ་བ་མང༌། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཕྱི་པགས་དོར་ནས་བསྐམས་ཐོག་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ལ་རྩུབ་ཅིང་བསིལ་བས་འབྲས་ནད་འདུལ་ཞིང་གཉན་ནད་སྦྱོང་བ་དང༌། སྐྲན་ནད་ཞི་བར་བྱེད་པ། ཁྱད་པར་ཕྱིར་སྤྱོད་ན་རྒྱ་རྔོ་དང༌། པགས་པའི་ནད་རིགས། བརྡབ་ཆག་ཤོར་བ་སོགས་ལ་ཕན་པ་ཡིན།
Domain གསོ་རིག