75424

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་ (1)
Part of speech མིང་ཚིག
Definition གཟུགས་པོའམ་ལུས་ཕུང་གི་མིང་སྟེ།
Keyword True
Example རོ་སྟོད་ན་ནས་སྨན་པ་བསྟེན་ལྟ་བུ།
རོ་ (2)
Part of speech མིང་ཚིག
Definition རོ་མ་ཡི་ཚིག་བསྡུས་པ།
རོ་ (3)
Part of speech མིང་ཚིག
Definition སྙིང་པོ་བཏོན་ཟིན་པའམ་བེད་མེད་དུ་གྱུར་པའི་དངོས་པོ་སྟེ།
Keyword True
Example ཇ་རོ། གྱང་རོ་ལྟ་བུ།
རོ་ (4)
Part of speech མིང་ཚིག
Definition ཚེ་སྲོག་བྲལ་བའི་མི་དང་སྲོག་ཆགས་ཀྱི་བེམ་པོའི་དོན་ཏེ།
Keyword True
Example སྲོག་གི་དབང་པོས་མ་བཟུང་བའི། །མི་རོ་བཟང་ཡང་སུ་ཡིས་ལེན། །
རོ་ (5)
Part of speech མིང་ཚིག
Definition ངོ་བོའམ། གཤིས་ལུགས་སམ། རང་བཞིན་གྱི་དོན་ལ་འཇུག་སྟེ།
Example བདེ་སྟོང་རོ་གཅིག་པ། ཆུ་ཀུན་བརླན་ཞིང་གཤེར་བར་རོ་གཅིག་པ་ཡིན་ལྟ་བུ།
རོ་ (6)
Part of speech མིང་ཚིག
Definition རོའི་མཚན་ཉིད་ནི། འབྱུང་གྱུར་གང་ཞིག ལྕེའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་དོན་ནོ། །རོ་ལ་དབྱེ་ན། མངར་སྐྱུར་ལན་ཚྭ་ཚ་བ་དང། ཁ་བ་དང་ནི་བསྐ་བ་སྟེ་དྲུག་གསུངས་ལ། ཀུན་བཏུས་ལས། དེའི་སྟེང་དུ། ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བ་དང། དེ་གཉིས་ཀ་མ་ཡིན་པ་དང། ལྷན་སྐྱེས་སོགས་གསུམ་སྟེ་བཅུ་གཉིས་སུ་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། དོན་ལྔ་ཡི་ནང་ཚན་དུ་གྱུར་པའི་རོ་དང། རོའི་སྐྱེ་མཆེད་དང། ཁམས་བཅོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་རོའི་ཁམས་རྣམས་དོན་གཅིག་གོ ། ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།
རོ་ (1)
Part of speech ཕྲད་ཚིག
Definition འདི་ཉིད་ཚིག་མཐར་སྦྱར་བས། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་པས་རྫོགས་ཚིག་གམ། རྗོད་བྱེད་ཚིག་གང་གི་རྗེེས་སུ་སླར་ཡོང་བའི་ཚིག་གྲོགས་དག་བསྡུ་བར་བྱེད་པས་ན་སླར་བསྡུའང་ཟེར་ཏེ། སྦྱོར་ཚུལ་ནི་རྗེས་འཇུག་ར་ཡིག་གི་མཐར་རོ་སྦྱོར་དགོས།
Keyword True
Example འགྱུར་རོ། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ལྟ་བུ།