From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རོ་ལྡན་ (1)
| Part of speech
|
མིང་ཚིག
|
| Definition
|
ཁ་ཟས་ཀྱི་བྲོ་བ་ཞིམ་པོ་ཡོད་པ།
|
| Example
|
རོ་ལྡན་བཟའ་བཅའ་རི་རབ་ལྟར་བརྩིགས་ཞེས་པ་ལྟ་བུ།
|
རོ་ལྡན་ (2)
| Part of speech
|
མིང་ཚིག
|
| Definition
|
དུར་ཁྲོད་དེ། རོ་དང་ལྡན་པའི་གནས་ཡིན་པས་ནའོ། །
|
| Type
|
མངོན་བརྗོད།
|
རོ་ལྡན་ (3)
| Part of speech
|
མིང་ཚིག
|
| Definition
|
སྒོག་པ་སྟེ། མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། བསྐ་བ་དང་། ཚ་བ་བཅས་རོ་ལྔ་དང་ལྡན་པས་ནའོ། །
|
རོ་ལྡན་ (4)
| Part of speech
|
མིང་ཚིག
|
| Definition
|
ལྕེ་སྟེ། རོ་དྲུག་གང་ལྡན་མྱངས་པས་ཤེས་པས་ནའོ། །
|
རོ་ལྡན་ (5)
| Part of speech
|
མིང་ཚིག
|
| Definition
|
ཨ་རུ་རྣམ་རྒྱལ་ཏེ། རྣམ་རྒྱལ་ལ་མངར་བ་དང་། སྐྱུར་བ། ཚ་བ། ལན་ཚ་བ། ཁ་བ། བསྐ་བ་བཅས་རོ་དྲུག་དང་ལྡན་པས་ནའོ། །
|
རོ་ལྡན་ (6)
| Part of speech
|
མིང་ཚིག
|
| Definition
|
རྒུན་འབྲུམ་སྟེ། རྒུན་འབྲུམ་ནི་སྦྲང་རྩི་ལྟར་གྱི་བྲོ་བ་དང་ལྡན་པས་ནའོ། །
|