75552

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་སྐམ་ཉི་མ་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ས་ལུག་ཕྱི་ལོ་ ༡༡༣༩ ལོར་གླགས་ཀྱི་ཕུ་ལུང་མྱང་ཁང་ཕྱུག་པོ་བཀྲ་ཤིས་སེང་གེའི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པར་མཁན་པོ་ལྕགས་ཕུ་པ་དང་། སློབ་དཔོན་མཁར་བ་གཉིས་ལས་རབ་ཏུ་བྱུང། མཚན་ལ་ཉི་མ་ཤེས་རབ་ཅེས་སྩལ། བླ་མ་ཞང་གི་གྲྭའི་འགྱེར་དུ་དམག་ལ་བྱོན་པ་དང་། ངར་ཕུག་ཏུ་ཕྱག་ཕྱི་ལ་ཕྱིན། ཚལ་གུང་ཐང་དུ་མཁན་པོ་ཤ་མི་འདུལ་འཛིན་དང་། སློབ་དཔོན་བླ་མ་ཞང་། མཁན་པོ་བཟོད་པ་སོགས་ལས་བསྙེན་པར་རྫོགས། ཞེ་དགུའི་བར་བླ་མ་ཞང་ལས་ཡོན་ཏན་མ་ལུས་གསན། བླ་མ་ཞང་འདས་རྗེས་རོ་སྐམ་དུ་འཇག་སྤྱིལ་མཛད་ནས་སྒོམ་སྒྲུབ་མཛད། འབྲི་གུང་ཆོས་རྗེ་དང་མཇལ་ཞིང་ཆོས་ཐོབ་པ་དང་། སྒོམ་ཞྭ་ཚོགས་དུང་སོགས་ཀྱང་གནང་། རབ་བྱུང་གསུམ་པའི་ཆུ་ཡོས་ཕྱི་ལོ་ ༡༡༨༣ ལོར་རོ་སྐམ་དགོན་པ་བཏབ། སློབ་ཚོགས་ཡུན་རིང་བསྐྱངས། ཚལ་གུང་ཐང་གི་གདན་སར་ཡང་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད། བདུན་ཅུ་པ་རབ་བྱུང་བཞི་པའི་ས་འབྲུག་ཕྱི་ལོ་ ༡༢༠༨ ལོར་སྐུ་གཤེགས།