75578
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་རྒྱུས་པ་འདྲ་བའི་རྩ་ཕྲ་ལ་རྒྱུས་པ་འདྲ་བའི་རྩ་ཕྲན་ཡོད་པ་དང༌། ལོ་མ་ལྗང་སྐྱ་མཐུག་ལ་འཇམ་པ་ཉག་ག་ཤིན་ཏུ་མང་བ་ས་ལ་བགྲད་ནས་སྐྱེ་བ། ལོ་མ་སྤྱིའི་སྐྱི་དབྱིབས་ཆུ་ལྡུམ་ཨོག་དཀར་གྱི་ལོ་མ་འདྲ་བའི་དབུས་ནས་མེ་ཏོག་གི་སྡོང་རྐང་ཕྲ་བར་སྐྱེ་བའི་སྟོད་ཆར་མེ་ཏོག་གི་སྡོང་རྐང་ཕྲ་བར་སྐྱེ་བའི་སྟོད་ཆར་མེ་ཏོག་དཀར་སེར་བང་རིམ་དུ་ཚགས་དམ་པོར་སྟོང་རི་ཟིལ་བའི་མེ་ཏོག་འདྲ་བ་འཆར་བ། སྨིན་ཚེ་གང་བུ་ལུག་སྙིང་འདྲ་བའི་ནང་དུ་འབྲུ་གུ་དཀར་སེར་ཞིབ་པ་མང་པོ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་གཡའ་ཤག་དང༌། རྫ་ཤག་གི་ཆུ་ཕྲན་འབབ་རྒྱུད་སོགས་སུ་སྐྱེ་བ། ལོ་སྡོང་མེ་འབྲས་ལྷན་ཅིད་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་གློ་བའི་ནད་ཀུན་སེལ་ཞིང༌། མགོ་ལ་སོགས་པའི་རུས་ཆག་སྦྱོར་བ། རྨ་འདྲུབ་པ་དང༌། རྨ་ཚད་སོགས་སེལ་བར་བྱེད་པ་ཕན། |
| Domain | གསོ་རིག |