75583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོག་ཤེས་རབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ས་ཕག་ཕྱི་ལོ ༡༠༥༩ ལོར་སྔགས་པ་ཞིག་གི་སྲས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། རོག་མངོན་པ་བ་དང་། རྒྱ་འདུལ་འཛིན་མགོ་ཉུག་བྱུང་བ་ཞིག་ལ་མངོན་པ་དང་། འདུལ་བ་ལེགས་པར་གསན། པོ་ཏོ་བ་རིན་ཆེན་གསལ་ལས་ལོ་ཉེར་གཉིས་རིང་བཀའ་གདམས་པའི་ཆོས་སྐོར་ཀུན་ལ་གསན། འགྲོ་མགོན་ཕག་མོ་གྲུ་པས་ཀྱང་འདིའི་བསྟེན་ནས་ཆོས་འབྲེལ་ཞུས། སློབ་མ་གཅིག་སྟོང་ལྷག་བསྐྱངས། དོན་གསུམ་པ་རབ་བྱུང་གཉིས་པའི་ལྕགས་ཕག་ཕྱི་ལོ ༡༡༣༡ ལོར་སྐུ་གཤེགས། མཚན་གཞན། དོལ་བ་དམར་ཞུར་བ།