75585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོག་སྟོན་དཀོན་མཆོག་སྐྱབས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་དཀྱིལ་དུ་སྟོད་ལྷ་རྩེ་ཁུལ་གྱི་མང་མཁར་ཚ་ལུང་དུ་འཁྲུངས། ཆུང་དུས་ནས་ཡིག་རྩིས་སོགས་ལ་ལེགས་པར་སྦྱངས། དབུས་པ་དར་གྲགས་སོགས་ལས་རྒྱུད་བཞི་རྫོགས་པར་ཞུས། རབ་བྱུང་དང་པོའི་མེ་འབྲུག་ཕྱི་ལོ་ ༡༠༧༦ ལོར་རྒྱ་གར་དུ་ཕེབས། ཐམས་ཅད་མཁྱེན་པ་ཤནྟི་པ་ཕྱི་མ་ལས་ཡན་ལག་བརྒྱད་པ་མན་ངག་དང་བཅས་པ་ཞུས། བོད་ཡུལ་དུ་ཕེབས་ཏེ་གསོ་རིག་གི་འཆད་ཉན་སྤེལ། གསུང་རྩོམ་ནི་ས་བཅད་བསྡུས་དོན་རིན་པོ་ཆེའི་ཕྲེང་བ་དང་། ཡན་ལག་བརྒྱད་པའི་བསྡུས་དོན་རིན་པོ་ཆེའི་དྲྭ་བ། གཞུང་གི་མཆན་བུ། རྩོད་བཟློག་གེགས་སེལ་བཅས་བཞུགས། མཚན་གཞན། སྟོད་སྟོན་དཀོན་མཆོག་སྐྱབས།