75598
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ཕྱི་ལོ་ ༡༦༦༥ ལོར་མདོ་སྨད་ཧན་སྟག་ལུང་དུ་འཁྲུངས། དགུང་ལོ་བཅུ་བདུན་པར་དབུས་སུ་བྱོན། བཞི་བཅུའི་བར་ལོ་ངོ་ཉེར་བཞིའི་རིང་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། གསང་ཕུར་གྲྭ་སྐོར་མཚན་བཏགས་བཞེས། བཤེས་གཉེན་མང་པོ་ལས་ས་དགེ་རྙིང་གསུམ་གྱི་བཀའ་ཆོས་མང་དུ་གསན། མདོ་སྨད་དུ་བྱོན་སྐབས་ཟམ་ཚའི་དཔོན་ཁག་འགས་གདན་དྲངས། མདོ་སྨད་སྤྱིའི་ས་འདུལ་ལྟ་བུར་ཕྱོགས་གང་སར་ལ་ཙེ་དང་རྡོ་འབུམ་མང་དུ་བརྩིགས། གུག་ཆེན་ལུང་པར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་གི་རི་ཁྲོད་བཏབ། འདུ་ཁང་རྟེན་བརྟེན་པ་དང་། བཀའ་འགྱུར་དང་བསྟན་འགྱུར་བཞེངས། སློབ་མ་རྣམས་ལ་འཆད་ཉན་མཛད། རེ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ཕྱི་ལོ་ ༡༧༣༢ ལོར་སྐུ་གཤེགས། |