75603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་སྦྲུལ་ཕྱི་ལོ་ ༡༨༥༧ ལོར་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་རྒྱལ་བཟང་གི་འབྲོག་སྡེར་ཡབ་བཀྲ་ཤིས་དཔལ་ལྡན་དང་། ཡུམ་སྨན་ལྷ་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པར་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། གདན་ས་རག་ཉག་ཐེག་ཆེན་གླིང་ཁྲི་ལ་མངའ་གསོལ། བླ་མ་རྒྱལ་མཚན་བཟང་པོ་དང་། བློ་བཟང་འཕྲིན་ལས་རྒྱལ་མཚན་གཉིས་ཡོངས་འཛིན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་སྦྱངས། ཡོངས་འཛིན་གཉིས་ལས་དགེ་བསྙེན་བསྒྲུབས། མཚན་ལ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཅེས་སྩལ། བཅུ་པར་ཡོངས་འཛིན་དགོངས་རྫོགས་སླད་དབུས་སུ་ཕེབས། རྒྱལ་བ་འཕྲིན་ལས་རྒྱ་མཚོ་དང་། པཎ་ཆེན་རིན་པོ་ཆེ། འཇོག་རི་རིན་པོ་ཆེ། ཀེའུ་ཚང་བློ་བཟང་ཡེ་ཤེས་སོགས་ལས་བདེ་གསང་འཇིགས་གསུམ་གྱི་དབང་ལུང་མང་དུ་གསན། བཅུ་གཅིག་པར་ཕུར་ལྕོག་བྱམས་པ་རྒྱ་མཚོ་ལས་དགེ་བསྙེན་དང་། རབ་བྱུུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་མནོས། རང་དགོན་དུ་ཕེབས། བཅུ་གསུམ་པར་ཀོ་རྫོང་གི་པཎྜི་ཏ་དཱ་ན་རག་ཉག་དགོན་དུ་གདན་དྲངས། སྙན་སུམ་དང། བརྡ་གསར་རྙིང་བཅས་ལ་སྦྱངས། བཅུ་དྲུག་པར་དཔལ་སྤུངས་དགོན་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས་དབང་ལུང་མན་ངག་མང་དུ་གསན། བཅུ་དགུ་པར་དབུས་སུ་ཐེངས་གཉིས་པ་ཕེབས། ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་སུ་ལྷ་རམས་པའི་དམ་བཅའ་སོགས་ལ་བྱོན། རྗེ་བློ་གྲོས་མཐའ་ཡས་ལས་བསྙེན་པར་རྫོགས། ཉེར་དྲུག་པར་རག་ཉག་དགོན་གྱི་བྱམས་ཁང་དང་ཕོ་བྲང་ཞིག་གསོས་མཛད། ཞེ་ལྔ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་སྐུ་གཤེགས། གསུང་རྩོམ་ནི་བཀའ་དྲིན་གསུམ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དག་སྣང་ནོར་བུ་འདྲེན་པའི་ཤིང་རྟ་དང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྙེན་ཡིག་རབ་གསལ་ཤེལ་དཀར་མེ་ལོང་། གསུང་མགུར་ངེས་འབྱུང་དར་ཆེན་དཀར་པོ། མགར་དགོན་བདེ་ཆེན་གླིང་གི་རྟེན་དང་བརྟེན་པར་བཅས་པའི་ལོ་རྒྱུས་དཀར་ཆག་གསལ་བ་སོགས་པོད་གཉིས་བཞུགས།

{{#arraymap:རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་

|; |@@@ | | }}