75670

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོལ་མོ་སྟབས་ཀྱི་འགྲོས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རོལ་མོ་སྟབས་ཀྱི་འགྲོས་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། བདུན་པ་ཡོ་གའི་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། བདུན་པ་ནི། འདུར་འགྲོས་ལས་ཀྱང་རོལ་མོའི་སྟབས་འགྲོས་ཞེས། ལྡིང་སྟབས་ཀྱིས་འགྲོ་བ་མགྱོགས་པ་ལྟར། ཀྲི་ཡོ་ག་ལས་ཀྱང་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པའི་ཐེག་པ་འཕགས་ཏེ། སེམས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ནས་ཡི་གེའི་ཆོ་འཕྲུལ་ལས་རྟེན་དང་བརྟེན་པའི་ལྷའི་འཁོར་ལོ་རྣམས་སྣང་སྟོང་ཟུང་འཇུག་ཆུ་ཟླའི་ཚུལ་དུ་བསྒོམ་པའི་ཕྱིར་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ད་ལྟ་ནས་ལམ་དུ་བྱེད་པའི་ཐབས་ཁྱད་པར་འཕགས་པ་ཡོད་པས་སངས་རྒྱས་ཀྱི་ས་ལ་བགྲོད་པ་མྱུར་བའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རོལ་མོ་སྟབས་ཀྱི་འགྲོས་

|; |@@@ | | }}