75804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་དང་པོ་གསུམ་པ་བཞི་པ་བཅས་ཀྱི་ཐོག་མར་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་ (1)
Part of speech མིང་ཚིག
Definition ཚིག་རྐང་དང་པོའི་ཐོག་མ་ལ། ཡི་གེ་གང་བྲིས་ཡོད་པ་དང་དེ། ཚིག་རྐང་གསུམ་པ་དང་། བཞི་པ་གཉིས་ཀྱི་ཐོག་མ་ལའང་བྲིས་ཡོད་པ་ཞིག་ཡིན། རྒྱ་དཔེའི་རྐང་པ་དང་པོ་དང་། གསུམ་པ་དང་། བཞི་པ་བཅས་ཀྱི་ཐོག་མ་ལ། པ་རཱ་ག་ཏ། ཞེས་པའི་ཐོག་མའི་ཟུང་ལྡན་གྱི་བར་ཆོད་པ་ལྟ་བུའོ། །
Example བོད་མཁས་པས། རབ་དམར་མཆུ་སྒྲོས་བྱི་རུའི་ཚལ་ནང་དུ། །སྨིན་པའི་ཚེམས་དཀར་མུ་ཏིག་ཕྲེང་བ་ཅན། ། རབ་དམར་ལྗགས་ཀྱི་མཛེས་པ་ཕུལ་བྱུང་བས། །རབ་དམར་གློག་གི་འཕྲུལ་ལ་སྐྱེངས་པ་སྦྱིན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག