75807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་དང་པོ་དང་གསུམ་པ་བཞི་པ་གསུམ་གྱི་ཐོག་མ་ལ་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་ (1)
Part of speech མིང་ཚིག
Definition རྒྱ་དཔེའི་རྐང་པ་དང་པོ། གསུམ་པ། བཞི་པ་བཅས་ཀྱི་ཐོག་མ་ལ། པ་རཱ་ག་ཏ། ཞེས་པའི་ཐོག་མའི་ཟུང་ལྡན་གྱི་བར་ཆོད་པ་ལྟ་བུའོ།
Example བོད་མཁས་པས། རབ་དམར་མཆུ་སྒྲོས་བྱུ་རུའི་ཚལ་ནང་དུ། །སྨིན་པའི་ཚེམས་དཀར་མུ་ཏིག་ཕྲེང་བ་ཅན། །རབ་དམར་ལྗགས་ཀྱི་མཛེས་པ་ཕུལ་བྱུང་བས། །རབ་དམར་གློག་གི་འཕྲུལ་ལ་སྐྱེངས་པ་སྦྱིན། །ཞེས་ཚིག་རྐང་དང་པོའི་ཐོག་མ་ལ་ཡོད་པའི་རབ་དམར་ཞེས་པ་དེ་སླར་ཡང་ཚིག་རྐང་གསུམ་པ་དང་བཞི་པའི་ཐོག་མར་བཀོད་དེ་ཟུང་ལྡན་གྱི་བར་ཆོད་པ་ཞིག་ཡིན།
Domain རྩོམ་རིག