75811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་དང་པོ་དང་གསུམ་པའི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་དྲུག་པ་སྟེ། རྐང་པ་དང་པོའི་ཐོག་མར་ལྷག་ལྷག་ཅེེས་པ་ལྟ་བུ་དང་རྐང་པ་གསུམ་པའི་ཐོག་མར་ཆིལ་ཆིལ་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་མ་ཆད་པ་ཞིག་ལ་ཟེར།
Example བོད་མཁས་པས། ལྷག་ལྷག་གདེངས་ཅན་དབང་པོའི་འོད་ཚོགས་ཀྱིས། །ཀུན་ཏུ་གསལ་བར་བྱས་པའི་ཡིད་བཞིན་མཚོ། ། ཆིལ་ཆིལ་རླབས་ཀྱི་ཟེགས་མ་འཕྲོ་བ་རྣམས། །མུ་ཏིག་དོ་ཤལ་ཐག་པ་ཆད་པ་བཞིན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག