75815
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་བཅུ་གསུམ་པ་སྟེ། རྐང་པ་དང་པོའི་ཐོག་་མར་ཡོད་པའི་ལྷང་ལྷང་ཞེས་པ་ལྟ་བུ་དང་། ཕྱི་མ་གཉིས་ནི་རྐང་པ་གསུམ་པའི་ཐོག་མར་ཡོད་པའི་ལྗང་ལྗང་ཞེས་པ་ལྟ་བུ་དང་། རྐང་པ་བཞི་བའི་ཐོག་མར་ཡོད་པའི་ལྡེམ་ལྡེམ་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་མ་ཆོད་པ་ཞིག་ལ་ཟེར། |
| Example | བོད་མཁས་པས། ལྷང་ལྷང་འགྱུར་ཁུགས་རྫོགས་པའི་མགྲིན་པའི་གླུ། དལ་གྱིས་འཐེན་པའི་ཁུ་བྱུག་བུ་མོའི་ཚོགས། །ལྗང་ལྗང་མརྒད་ལོ་མའི་གོས་གྱོན་པའི། །ལྡེམ་ལྡེམ་འཁྲི་ཤིང་གཞོན་ནུར་འཁྱུད་ལ་དགའ། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |