75820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་དང་པོ་བཞི་བར་བཟླས་པ་ (1)
Part of speech མིང་ཚིག
Definition ཀུན་ཏུ་ཟུང་ལྡན་གྱི་ནང་གསེས་གསུམ་པའི་གསུམ་པ་སྟེ། རྐང་པ་དང་པོའི་ཚིག་རྐང་དེ་རྐང་པ་བཞི་བར་བཟླས་པ་དང་། སྒྲ་གཟུགས་གཅིག་པའི་ཚིག་རྐང་གཅིག་བསྐྱར་བཟློས་བྱས་པས་བརྗོད་དོན་ཐ་དད་སྟོན་པ་ཞིག་ཡིན།
Example བོད་མཁས་པས། རབ་འབྱམས་ཤེས་བྱ་ཀུན་ལ་ལོངས་ཀྱིས་སྤྱོད། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་མེ་ལོང་སྟེ། ། ཐམས་ཅད་མཁྱེན་གཟིགས་པུ་ཎྜ་རཱི་ཀ་ཡང་། །རབ་འབྱམས་ཤེས་བྱ་ཀུན་ལ་ལོངས་ཀྱིས་སྤྱོད། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག