75821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་དང་པོའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition ཚིག་རྐང་དང་པོའི་ཐོག་མ་ལ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ཚོགས་པའི་མིང་། ལན་གཉིས་སུ་བཟླས་པས་གཉིས་ཀའི་བར་དུ་ཡི་གེའམ་མིང་ཚིག་གཞན་གྱིས་བར་མ་ཆོད་པ་ཞིག་ཡིན། དེའི་རྒྱ་དཔེའི་ཚིག་རྐང་དང་པོ་ལ། མཱ་ནེ་ན་མཱ་ནེ་ན། ཞེས་དབྱངས་གསལ་ཚོགས་པའི་ཟུང་ལྡན་བར་མ་ཆད་པར་ལན་གཉིས་བཟླས་པ་ལྟ་བུ་སྟེ།
Example བོད་མཁས་པས། ལྡེམ་ལྡེམ་ཤེལ་གྱི་ལྕུག་ཕྲན་བརྒྱ་བྱིིན་གྱི། །མཚོན་དང་བཅས་པར་མཚན་དཔེ་འོད་རིས་རྣམས། ། ཚངས་ཆེན་ཡིད་ཀྱིས་བྲིས་འདྲའི་མཚར་སྡུག་ཅན། །རྡོ་རྗེ་དབྱངས་ཅན་མ་དེས་རྗེས་སུ་ཟུངས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག