75824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པའི་བར་ཆོད་པའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་གཉིས་པ་་བར་ཆོད་པའི་ཟུང་ལྡན་གྱི་ནང་གསེས་དྲུག་པ་སྟེ། རྐང་པ་ཕྱི་མ་གཉིས་ཏེ། རྐང་པ་གསུམ་པའི་ཐོག་མར་ཡོད་པའི་དཀར་མཛེས་ཞེས་པ་ལྟ་བུ་དེ། སླར་ཡང་རྐང་པ་བཞི་བའི་ཐོག་མར་བཀོད་ནས་ཟུང་ལྡན་གྱི་བར་ཆོད་པ་ཞིག་ལ་ཟེར།
Example བོད་མཁས་པས། རྙོག་བྲལ་འོ་མའི་རྒྱ་མཚོར་ལན་སྟོང་དུ། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བཀྲུས་པ་བཞིན། ། དཀར་མཛེས་དྲི་མས་དབེན་པའི་བཞིན་རས་དང་། །དཀར་མཛེས་ཚེམས་ཀྱི་ཕྲེང་བ་ལྟ་ན་སྡུག། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག