75825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་ཕྱི་མ་གསུམ་གྱི་ཐོག་མར་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་བཅུ་བཞི་བ་སྟེ། རྐང་པ་ཕྱི་མ་གསུམ་ནི། རྐང་པ་གཉིས་པའི་ཐོག་མར་ཡོད་པའི་འཐུལ་འཐུལ་ཞེས་པ་ལྟ་བུ་དང་། རྐང་པ་གསུམ་པའི་ཐོག་མར་ཡོད་པའི་མཛེས་མཛེས་ཞེས་པ་ལྟ་བུ། རྐང་པ་བཞི་བའི་ཐོག་མར་ཡོད་པའི་ཁོར་ཁོར་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་མ་ཆོད་པ་ཞིག་ལ་ཟེར།
Example ཙན་དན་ཨ་ཀ་རུ་སོགས་བཟང་བོའི་དྲི། །འཐུལ་འཐུལ་ཕྱོགས་ཀྱི་གླང་པོའི་འགྲམ་པ་ལ། ། མཛེས་མཛེས་ཐིག་ལེར་དགོད་པའི་དྲི་བཞོན་རྣམས། །ཁོར་ཁོར་རིག་འཛིན་དགའ་བའི་ནགས་དེར་རྒྱུ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག