75829
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ སྨོན་ལམ་ཆེན་པོའི་ཁྱད་པར་ཡོངས་སུ་བསྡུ་བ་ཤིན་ཏུ་རྫོགས་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་རྐང་པ། ༢ བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡང་དག་པར་བསྡུ་བ་ལས་ཕྱིར་མི་ལྡོག་པའི་ཕྱིར། བརྩོན་འགྲུས་ཀྱི་རྐང་པ། ༣ སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར། མངོན་པར་ཤེས་པའི་རྐང་པ། ༤ སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཡང་ཞིང་གཅིག་ནས་མི་གཡོ་བའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ། ༥ ཁྱད་པར་དུ་འགྲོ་བའི་ཕྱིར་བསམ་པའི་རྐང་པ། ༦ བསམ་པ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་ཕྱིར། དམ་བཅས་པ་བརྟན་པའི་རྐང་པ། ༧ བླ་མ་ཐམས་ཅད་ཀྱིས་བསྒོ་བ་ལས་འགལ་བར་མི་བྱེད་པའི་ཕྱིར། མཐུན་པར་འཛིན་པའི་རྐང་པ། ༨ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དག་པར་བཟུང་བས་མི་སྐྱོ་བའི་ཕྱིར། ཆོས་མཉན་པ་མི་ངོམས་པར་ཚོལ་བའི་རྐང་པ། ༩ ཚངས་པའི་གནས་ནས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་འགྲོ་བར་སྒྱིད་ལུག་པ་མེད་པའི་ཕྱིར། ཆོས་ཀྱི་ཆར་འབེབས་པའི་རྐང་པ། ༡༠ ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་ལ་ནན་ཏན་དུ་བྱེད་པའི་རྐང་པའོ། ། |
| Domain | ཆོས་ལུགས། |