75839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་བཞི་གའི་ཐོག་མར་ཡོད་ཅིང་ཕྱེད་སྔ་ཕྱི་རིགས་མི་གཅིག་པའི་བར་ཆོད་ཀྱི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་གཉིས་པ་བར་ཆོད་ཀྱི་ཟུང་ལྡན་གྱི་ནང་གསེས་བཅུ་གཅིག་པ་སྟེ། རྐང་པ་སྔ་མ་གཉིས་ཀྱི་ཐོག་མའི་ཚིག་སྒྲ་གཟུགས་འདྲ་ལ། རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མའི་ཟུང་ལྡན་སྔ་མ་དང་མི་འདྲ་ཞིང་། དེ་ལས་གཞན་པའི་སྒྲ་གཟུགས་གཅིག་པ་ཅན་གྱི་མིང་འདྲ་བ་གཉིས་ཐོག་མར་སྦྱོར་བ་ལྟ་བུ་ཡིན་ཏེ། རྐང་བ་དང་པོ་གཉིས་ཀྱི་ཐོག་མར་ཆོས་ལྟ་བུའི་ཟུང་ལྡན་དང་། རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་འཁྲུལ་འཁྲུལ་ལྟ་བུའི་ཟུང་ལྡན་གྱི་བར་ཆོད་པའི་རྒྱན་ཞིག་ལ་ཟེར།
Example བོད་མཁས་པས། ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་འདྲ་ཞེས། །ཆོས་ཀུན་གཟིགས་དེས་ལེགས་པར་གསུངས་ན་ཡང་། ། འཁྲུལ་བའི་ཡིད་ངོར་རྟག་བརྟན་ཐེར་ཟུག་ཏུ། །འཁྲུལ་པ་བདག་འདྲར་གཟིགས་ཤིག་དབྱངས་ཅན་ལྷ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག