75840

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐང་པ་བཞི་གའི་ཐོག་མར་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་གཉིས་པ་བར་ཆོད་པའི་ཟུང་ལྡན་གྱི་ནང་གསེས་བཅུ་བ་སྟེ། རྐང་པ་བཞི་གའི་ཐོག་མར་བདག་ཅེས་པ་ལྟ་བུའི་ཟུང་ལྡན་གྱི་བར་ཆོད་པ་ཞིག་ལ་ཟེར།
Example བོད་མཁས་པས། བདག་སོགས་འཁོར་བའི་འཁོར་ལོར་འཁྱམས་རྣམས་ལ། །བདག་ཏུ་འཛིན་པ་འཁོར་བའི་འཁྲི་ཤིང་ནགས། ། བདག་མེད་རྟོགས་པའི་རལ་གྲིས་གཅོད་ནུས་མཐུ། །བདག་གི་ལྷ་མཆོག་ཁྱོད་ཀྱིས་གྲུབ་པར་མཛོད། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག