75842
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱ་སླ་བ་རྐང་པོ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་བཅོ་ལྔ་བ་སྟེ། རྐང་པ་དང་པོའི་ཐོག་མར་ཡོད་པའི་མཚར་མཚར་ཞེས་པ་དང་། རྐང་པ་གཉིས་པའི་ཐོག་མར་ཡོད་པའི་དུང་དུང་ཞེས་པ་དང་། རྐང་པ་གསུམ་པའི་ཐོག་མར་ཡོད་པའི་མཛེས་མཛེས་ཞེས་པ། རྐང་པ་བཞི་བའི་ཐོག་མར་ཡོད་པའི་ཡང་ཡང་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་མ་ཆོད་པ་ཞིག་ལ་ཟེར། |
| Example | བོད་མཁས་པས། མཚར་མཚར་འཕགས་པའི་ཞིང་གི་མེ་ལོང་དུ། །དུང་དུང་དད་པའི་ཡིད་ངོར་ཤར་བའི་ལྷ། ། མཛེས་མཛེས་མཚན་དཔེའི་སྐྱེ་མཆེད་རྫོགས་པའི་ཞལ། །ཡང་ཡང་བལྟ་བར་འཚལ་ལོ་དབྱངས་ཅན་ལྷ། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |